当前位置: 首页 > 学校简介 > 泽库县第一民族中学简介

泽库县第一民族中学简介

2021年04月06日 08:43:05 访问量:256

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་མཚམས་སྦྱོར་མདོར་བསྡུས།

ཏང་གི་མི་རིགས་སྲིད་ཇུས་ཀྱི་འོད་སྟོང་ཕྱོགས་བཞིར་འཕྲོས་ནས་མེས་རྒྱལ་གྱི་ས་གཞི་ཡངས་པོར་སྔར་མེད་ཀྱི་གསོན་ཤུགས་གསར་བ་སྦྱིན་དུས།རྩེ་ཁོག་རྒྱ་ཆེའི་ངལ་རྩོལ་མི་དམངས་ཀྱི་ཤེས་བྱ་རིག་པའི་གནས་ལ་སྐོམ་པ་ཆུ་འདོད་ཀྱི་རེ་བ་བསྐང་སླད་དང་།ས་གནས་ཀྱི་ཆབ་དཔལ་རིག་གསུམ་མགྱོགས་མྱུར་ངང་གོང་འཕེལ་དུ་གཏོང་བར་གོང་རིམ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོགསྤྱི་ལོ་༡༩༧༥ལོའི་ཟླ་༩པར་རྩེ་ཁོག་རྩྭ་ཐང་གི་ཆེས་ཐོག་མའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྟེ།རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་རྩེ་ཁོག་ཡན་ལག་སློབ་གྲྭ་བཙུགས།  དུས་རབས་ཀྱི་འཕོ་འགྱུར་དང་མི་རིགས་སློབ་གསོའི་དགོས་མཁོ་དང་བསྟུན་ནས་སྤྱི་ལོ་༡༩༨༤ལོར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དུ་མིང་བསྒྱུར།སྤྱི་ལོ་༢༠༡༡ལོའི་ཟླ་༩པར་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོ་ཞེས་བཏགས།སྤྱི་ལོ་༢༠༡༦ལོའི་ཟླ་༩པར་གོང་རིམ་མགོ་ཁྲིད་ཀྱི་ཐུགས་ཁུར་ཟབ་བཞེས་དང་།སྤྱི་ཚོགས་མི་སྣ་སོ་སོའི་རྒྱབ་སྐྱོར།དགེ་སློབ་ཡོངས་ཀྱི་འབད་བརྩོན་ལ་བརྟེན་ནས་སློབ་གྲྭར་མཐོ་འབྲིང་ཚན་ཁག་བསྐྱར་དུ་བཙུགས།སློབ་གྲྭ་བཙུགས་ནས་ལོ་ངོ་ཞེ་གཉིས་ཀྱི་རིང་ལ། གོང་རིམ་མགོ་ཁྲིད་ཀྱི་ཐུགས་ཁུར་དང་།  རྒྱ་ཆེའི་མང་ཚོགས་ཡོངས་ཀྱི་རྒྱབ་སྐྱོར། སློབ་གསོའི་ལས་གཉེར་མི་སྣའི་དཀའ་སྤྱད་འབད་འབུངས་ལ་བརྟེན་ནས་སྦྲ་གུར་སློབ་གྲྭ་ནས་རིམ་བཞིན་དེང་རབས་རྨང་གཞིའི་སྒྲིག་ཆས་ཆ་ཚང་དང་།མི་རིགས་སློབ་གསོ་བླ་ལྷག་གིས་འཕེལ་རྒྱས་བྱུང་བ་དེས་ངེེད་སློབ་གྲྭས་དཀའ་ཚེགས་ཀྱི་ལོ་ཟླ་མདུན་དུ་བསུས་ནས་རྩེ་ཁོག་རྫོང་གི་སློབ་གསོར་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་ལ་བདེན་དཔང་བྱས་ཡོད།

ཉེ་བའི་ལོ་འགའི་རིང་ལ།ངེད་སློབ་གྲྭས༼ཀུན་སྤྱོད་སློབ་གསོས་སྣེ་ཁྲིད་བྱས་ཏེ།བཞི་ལྡན་སློབ་གསོ་དམ་འཛིན་སྒོས་མི་རབས་གསར་བ་སྐྱེད་སྲིང་བྱེད་པར་བརྩོན་ལེན་བྱེད༽པ་སློབ་སྒྲུབ་དམིགས་ཡུལ་དང་།  ༼ཡོངས་ཀྱིས་དོ་དམ། ཚང་མས་ཐེ་གཏོགས༽ ཀྱི་ཀུན་སྤྱོད་བྱ་བ་ལག་བསྟར་བྱ་བ།  སློབ་ཁྲིད་ཀྱི་གོ་རིམ་ཁྲོད་དུ་༼སྤྱོད་པ་གཙང་བ།སློབ་ལ་བྱང་བ།ཁྱད་ནུས་ལྡན་པ༽ཤེས་ལྡན་མི་སྣ་སྐྱེད་སྲིང་གི་དམིགས་ཡུལ་དང་།  ༼ཕ་སྐད་ལ་མཁས་ཤིང་སྐད་གཉིས་ལ་བྱང་བའི་ཁྱད་ནུས་འདོན་སྤེལ་བྱེད་པ༽སློབ་སྒྲུབ་ཀྱི་ཁྱད་ཆོས་སུ་བཟུང་ནས།  སློབ་ཁྲིད་སློབ་གསོའི་རྒྱུ་སྤུས་གོང་འཕེལ་དང་།ལོ་རེའི་མཐོ་འབྲིང་ལ་རྒྱུགས་འཕྲོད་ཚད་ཇེ་མཐོ་རུ་བཏང་སྟེ་འབྲོག་ཁུལ་གྱི་མི་རིགས་སློབ་འབྲིང་གསར་བ་འཛུགས་སྐྲུན་བྱ་བར་འབད་མུས་ཡོད།

མིག་སྔར།སློབ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༧༩༢༠༠དང་།ཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་༢༤༤༥༤.༥༢།སློབ་གྲྭ་ཡོངས་ལ་འཛིན་གྲྭ་༣༦དང་།དེའི་ནང་དམའ་འབྲིང་འཛིན་གྲྭ་༢༢དང་།མཐོ་འབྲིང་འཛིན་གྲྭ་༡༣ཡོད་ལ།དེ་མིན་བྱེས་ཀྱི་ཐིན་ཅེན་དུ་འང་མཐོ་འབྲིང་འཛིན་གྲྭ་༡་ཡོད།དམའ་འབྲིང་རིམ་པར་ཁྱོན་བསྡོམས་སློབ་མ་༡༡༦༥དང་མཐོ་འབྲིང་རིམ་པར་སློབ་༧༠༢བཅས་ཁྱོན་བསྡོམས་སློབ་མ་༡༨༦༧ལྷག་ཡོད།རབ་སློབ་ཏུ་སྡོད་བྱང་ཡོད་པའི་དགེ་རྒན་༡༢༢ཡོད་ལ་ཆེད་གཉེར་གྱི་ཁ་གྲངས་ཡང་དེ་དང་གཅིག་མཚུངས་ཡིན།མཐོ་འབྲིང་རིམ་པར་སྡོད་བྱང་ཡོད་པའི་དགེ་རྒན་༡༣ལས་མེད་པས་ཧ་ཅང་མི་འདང་བའི་དཀའ་ངལ་ལ་འཕྲད་ཡོད།ཇ་མ་སོགས་ཞབས་ཞུ་བ་ཁྱོན་བསྡོམས་མི༤༡ཡོད་དེ།དེའི་ནང་ནོར་སྲིད་གནས་སྐབས་མི་སྣ་༨དང་།ལས་འཚོལ་ལས་ཁུངས་ཅན་གྱི་མི༥ཡོད།སློབ་གྲྭའི་སྒེར་ངོས་ནས་བསྡུས་པའི་མི་༢༨བཅས་ཡོད།དགེ་བཟོ་བ་ཡོངས་ཀྱི་ཁྲོད་དུ་འབུམ་རམས་པ་༡དང་ཞིང་འཇུག་མཐར་ཕྱིན་༢༡ཙམ།ད་དུང་དངོས་གཞིའི་མཐར་ཕྱིན་༡༠༠བཅས་ཡོད་པས།དགེ་རྒན་གྱི་བསླབ་གནས་ཚད་རིམ་༡༠༠%ལ་སླེབས་ཡོད།ད་ལོར་རང་སློབ་གྲྭའི་མཐོ་འབྲིང་ཚན་ཁག་ལ་དགེ་རྒན་མི་འདང་བའི་གནས་བབས་ལ་གཞིགས་ནས།སྡོད་བྱང་མེད་པའི་གནས་སྐབས་ཀྱི་དགེ་རྒན་༢༤བསྡུས་ཤིང་།དེའི་མ་ཚད་ཐིན་ཅེན་ནས་རོགས་སྐྱོར་དགེ་རྒན༩དང་།་སྟོང་སྐོར་རྫོང་གི་རོགས་སྐྱོར་དགེ་རྒན་༧བཅས་ཀྱང་ཐོན་ཡོད།

泽库县第一民族中学简介

在党的民族政策如同春风吹绿草原,祖国大地一片生机盎然的时候,为了满足泽库人民对知识的渴求,优先发展民族教育事业,在上级政府的大力支持下,于19759月泽库草原上建立了第一所寄宿制帐房学校---黄南州民族师范泽库分校,为了解决时代变化和发展地方民族教育事业的需求,于1984年改名为泽库县民族中学,20119月更名为泽库第一民族中学。20169月,在上级教育行政部门的大力支持下,社会各界和广大教育工作者的共同努力下,重新开设泽库县第一民族中学高中部。建校40多年来,在上级领导的关怀下,社会各界的大力支持下,广大师生的共同努力下,泽库县第一民族中学从最初的帐房学校发展到现在的基础设施齐全的标准化学校,进一步拉近城乡教育差距,使泽库地区民族教育事业蓬勃发展,一路风风雨雨,历经沧桑,见证了泽库教育飞跃发展的历史。

近年来,我校坚持以“德育领先、四育紧跟,为培养新型人才而奋斗”为办学宗旨,实行“全员管理、人人参与”的德育工作模式;在教学过程中坚持“品优+学精+特长”型人才的培养目标和“精通母语、通两语、扬特长”的办学特色,注重学生全面发展,努力提高教育教学质量,提升每年中考上线率,着力解决高中阶段辍学生,为创办“牧区一流民族中学”而努力奋斗。

目前,学校占地面积为79200,校舍建筑面积为24454.52。现有36个教学班,其中初中20个班,高中16个班,天津异地高中班2个,初中生1047名,高中825,共有在校生1867名。在编教师115人,其中专任教师113人,2名职工,其中高中部在编教师41人,初中部在编教师72人,县聘代课4人,三支一扶1名,其中财政临聘2人,就业4人,学校自聘6人,后勤29人,专任教师中博士研究生1人,硕士研究生20人,本科生85人,大专7人,24名临聘教师,另外,湟源支教6人,教师学历达标率100%

编辑:拉旦
上一篇:没有了
下一篇:没有了
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
法宣在线 青海干部网络 综评教师端 综评学生端 青海基础教育资源 全国教师信息管理系统
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县民族中学 特此声明。