当前位置: 首页 > 教育教学 > ༢༠༢༡ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐྱོར་དཔོན་ཚོགས་འདུ་བསྡུས།

༢༠༢༡ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐྱོར་དཔོན་ཚོགས་འདུ་བསྡུས།

2021年06月16日 15:34:05 访问量:623


རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི༢༠༢༡ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐྱོར་དཔོན་ཚོགས་འདུ་བསྡུས།

ཟླ་༦པའི་ཚེས་༡༣ཉིན། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་༢༠༢༡ལོའི་དཔྱིད་དུས་སློབ་སྐབས་ཀྱི་སྐྱོར་དཔོན་ཚོགས་འདུ་ཐེམ་སྐས་སློབ་ཁང་དུ་བསྡུས།

སློབ་གཙོ་གཞོན་པ་ཤ་བོ་དོན་གྲུབ་དང་། སློབ་སྟོན་ཁང་གི་ཀྲུའུ་རིན་མགོན་པོ་སྐྱབས་དང་། ཀྲུའུ་རིན་གཞོན་པ་འབྲུག་འབུམ་དང་། སློབ་སྟོན་ཁང་གི་ལས་སྣ་བཅས་དགེ་རྒན་དྲུག་དང་། འཛིན་གྲྭ་སོ་སོའི་སྐྱོར་དཔོན་གཙོ་བོ་དང་སློབ་སྦྱོང་གི་སྐྱོར་དཔོན་བཞི་བཅུ་ཞེ་བརྒྱད་ཚོགས་འདུར་ཞུགས། ཚོགས་ཐོག་ཏུ་སློབ་མའི་སློབ་སྦྱོང་གི་གནས་ཚུལ་དང་། ལས་བྱ་བཀོད་སྒྲིག  སློབ་མའི་ལུས་མེམས་བདེ་ཐང་སྐོར་ལ་རྒྱུས་ལོན་དང་ཞིབ་བཤེར་བྱས། དེ་མིན་སློབ་མས་དགེ་རྒན་ལ་དང་བ་ཇི་ལྟར་འདྲེན་པ་དང་། བསླབ་ཚན་ཁག་ལ་དགའ་བ་ཇི་ལྟར་སྒོམ་སྟངས། སློབ་སྦྱོང་གི་གོམས་གཤིས་ཇི་ལྟར་སྐྱེད་སྲིང་བྱ་ཚུལ། བསླབ་བྱ་གང་དག་གཙོ་གནད་དུ་འཛིན་དགོས་པ། རྒྱུགས་འབྲས་ཞན་པའི་བསླབ་བྱ་ཇི་ལྟར་སྦྱང་སྟངས་སྐོར་ལ་བླང་བྱ་ནན་མོ་བཏོན། གཞན་ཡང་།དམའ་གཅིག་རིམ་པའི་༼བསླབ་ཚན་གསུམ་༽ལ་ཤུགས་སྣོན་རྒྱག་དགོས་པར་མ་ཟད།སྒོས་་སུ་སློབ་གྲྭ་ཡོངས་ཀྱི་གྲངས་རིག་དང་དབྱིན་ཡིག་ལ་ཤུགས་སྣོན་བྱེད་དགོས་པ་སོགས་ལ་སློབ་གྲྭའི་དོན་དངོས་དང་མ་འོངས་པར་ཁ་ཕྱོགས་ཏེ་རེ་བ་ནན་མོ་བཏོན།

མཐའ་མར་སྐྱོར་དཔོན་རེ་རེའི་ལག་ཏུ་སློབ་ཁྲིད་མྱུར་ཚད་བཞི་བཤེར་རེའུ་མིག་དང་སློབ་ཁྲིད་སློབ་གསོ་རྒྱུས་ལོན་ཞིབ་བཤེར་རེའུ་མིག་བཀྲམས་ཏེ་སློབ་ཁྲིད་སློབ་གསོའི་སྐོར་ལ་རེ་བ་དང་བསམ་འཆར་ཅི་ཡོད་དང་ལེན་བྱས།


编辑:夏吾东智
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
法宣在线 青海干部网络 综评教师端 综评学生端 青海基础教育资源 全国教师信息管理系统
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县民族中学 特此声明。