当前位置: 首页 > 校园新闻 > རང་རེའི་བོད་ཀྱི་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས

རང་རེའི་བོད་ཀྱི་ཡིག་གཟུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས

2021年04月14日 09:05:45 访问量:187
རང་རེའི་བོད་ཀྱི་ཡིག་གཟུགས་ལ་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པར་མ་ཟད། རིགས་དང་རྣམ་གྲངས་མང་ལ། མ་ལག་ཆ་ཚང་བའི་གཞུང་ལུགས་སོགས་ལྡན་ཡང་། རྐྱེན་སྣ་ཚོགས་ཀྱི་དབང་གིས་འཕེལ་མེད་སོ་ན་གནས་ཤིང་། སྔར་ཡོད་ཀྱི་བྲིས་རྒྱུན་ཁ་ཤས་ཤིག་ད་ལྟ་མིང་གི་ལྷག་མར་གྱུར་དང་འགྱུར་བཞིན་པའི་སྣང་ཚུལ་ཡང་མཐོང་རྒྱུ་འདུག དེ་མཚུངས་སུ་སློབ་གྲྭ་ཁག་ཏུ་ཡིག་གཟུགས་དགའ་མོས་འཛིན་གྲྭ་ལྟ་བུའི་བྲིས་ལ་འཇུག་མཁན་སློབ་བུ་ཉུང་ཤས་ཤིག་ལས། སློབ་མ་ཕལ་ཆེ་བའི་བྲིས་གཟུགས་ནི་བྲིས་ངན་མི་ཡིས་མི་ཤེས། ཞག་གསུམ་འགོར་ན་རང་གིས་མི་ཤེས་ཞེས་པའི་ཚད་དུ་གདའ། འདི་ཡང་ང་ཚོས་དོ་ཁུར་དང་ཐུགས་བསམ་གནང་དགོས་པའི་དོན་དག་གལ་ཆེན་ཞིག་ཏུ་གྱུར་ཡོད། 
དེར་བརྟེན། ད་ལོའི་འཛམ་གླིང་གི་ཁོར་ཡུག་ཉིན་མོ་དང་བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབ་ལ་ཉེ་བའི་གོ་སྐབས་དང་བསྟུན་ནས། ངེད་རྩོམ་སྒྲིག་ཁང་གིས་ཀྲུང་གོའི་ཆུ་སློབ་གྲྭ་དང་མཉམ་འབྲེལ་སྒོས་ཐོན་མིའི་མཛུབ་རིས་རྟགས་མའི་ཆུང་འབྲིང་སློབ་མའི་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྤེལ་རྒྱུ་ཡིན་ལ། བྱ་འགུལ་འདི་འདྲ་ཞིག་སྤེལ་དགོས་པའི་དམིགས་ཡུལ་ནི། གཅིག་ནས་གཞོན་སྐྱེས་རྣམས་ཀྱི་རྒྱུད་ལ་ཆུང་བྱིས་པའི་དུས་ནས་ཁོར་སྲུང་གི་འདུ་ཤེས་ཆགས་སུ་འཇུག་རྒྱུ་དང་། གཉིས་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མ་ཉམས་གོང་སྤེལ་དང་རྗེས་རབས་པ་སྐྱེད་སྲིང་བྱེད་པ། གསུམ་ནས་བོད་ཀྱི་ན་ཆུང་རྣམས་ལ་ཆུང་དུས་ནས་མི་རིགས་རང་གི་རིག་གནས་ལ་ཡིད་ཆེས་དང་དད་སེམས་སློང་ཆེད་ཀྱང་ཡིན་པས། ཡིག་གཟུགས་ལ་མོས་པ་ཡོད་པའི་སློབ་བུ་ཚོ་རང་འགུལ་སྒོས་བྱ་འགུལ་ནང་ཞུགས་པར་དགའ་བསུ་ཞུ་བ་དང་ཆབས་ཅིག  བྱ་འགུལ་གྱི་རེ་འདུན་དང་མཉམ་འཇོག་བྱེད་དགོས་ས་རེ་འགའ་ཡོད་པ་གཤམ་གསལ་ལྟར་ལགས།
དང་པོ།  རེ་འདུན།
1.བརྩམས་ཆོས་ཀྱི་ཚད་གཞི།
བརྗོད་བྱ་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་དགོས་ཤིང་། ཡིག་གཟུགས་གང་རུང་བདམས་ཆོག  བྲིས་ཤོག་གཅིག་གྱུར་གྱིསA4ཅན་གྱི་ཤོག་དཀར་ངོས་སུ་བྲིས་རྗེས། བརྩམས་ཆོས་ཀྱི་མ་ཟིན་སྦྲག་ཁང་བརྒྱུད་ནས་སྐུར་དགོས།
2.བྱ་དགའི་རིམ་པ།
ཐེངས་འདིའི་འགྲན་སྡུར་ནི་སློབ་ཆུང་དང་། སློབ་འབྲིང་གི་རིམ་པ་གཉིས་སུ་ཕྱེ་ནས་སྤེལ་རྒྱུ་ཡིན་ལ། འགྲན་སྐོར་རེ་ནས་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་བདམས་ཏེ། སོ་སོར་བྱ་དགའི་དངུལ་སྒོར1000དང་། སྒོར800  སྒོར600དང་དཔང་ཡིག་བཅས་སྤྲོད་རྒྱུ་ཡིན།
3.བརྩམས་ཆོས་བསྡུ་བའི་དུས་ཚོད།
བརྩམས་ཆོས་བསྡུ་བའི་གསལ་བརྡ་སྤེལ་ཉིན་ནས་ཟླ5པའི་ཚེས20སྔོན་ལ་སྦྲག་སྲིད་བརྒྱུད་ནས་ངེད་རྩོམ་སྒྲིག་ཁང་ལ་སྐུར་དགོས།
4.བརྩམས་ཆོས་སྐུར་ཡུལ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཐུན་རིན་ལམ་གྱི་སྒོ་རྟགས་ཨང10པ། གངས་རྒྱན་ན་ཆུང་ཚགས་པརརྩོམ་སྒྲིག་ཁང་།
青海省西宁市城西区同仁路10号《刚坚少年报》编辑部    邮政编码:810001   联系电话:****
གཉིས་པ། མཉམ་འཇོག་བྱ་ཡུལ།
1.ཐེངས་འདིའི་འགྲན་ཞུགས་ཀྱི་ཁྱབ་ཁོངས་བོད་ཁམས་ཡོངས་ལ་ཁ་ཕྱོགས་ཡོད་པས། ངེད་རྩོམ་སྒྲིག་ཁང་གཅིག་པུས་འགན་ཡོད་ཚད་ཐེག་དཀའ་ལ། དོན་འདི་ཆུང་འབྲིང་སློབ་མ་རྣམས་ལ་མཚོན་ན། རང་ཉིད་ཀྱི་རྩལ་ནུས་ངོམ་པའི་གོ་སྐབས་བཟང་བོ་ཞིག་ཡིན་པས། སློབ་གྲྭ་སོ་སོས་རྩ་འཛུགས་བྱས་ཏེ་སྔོན་ལ་སློབ་གྲྭ་ནང་ཁུལ་ནས་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་སྤེལ་ནས། དེའི་ཁྲོད་ཀྱི་ཕུལ་བྱུང་བརྩམས་ཆོས་དག་མཉམ་དུ་ངེད་རྩོམ་སྒྲིག་ཁང་ལ་སྐུར་རོགས་མཛོད་ཅིག
2.རྗེས་མར་བྱ་དགའི་དངུལ་དང་། དཔང་ཡིག རྩོམ་ཡོན་སོགས་སྐུར་བདེ་བ་དང་། དཔྱད་འདེམ་ལ་དྲང་གཞག་ཡོང་ཆེད། ཡིག་གཟུགས་བརྩམས་ཆོས་ཀྱི་རྒྱབ་ངོས་གཡས་ཟུར་དུ་ཞ་སྨྱུག་གིས་རུས་མིང(ཐོབ་ཐང་ལག་ཁྱེར་དང་མཐུན་དགོས)དང་། སློབ་གྲྭ། འཛིན་གྲྭ། མཛུབ་སྟོན་དགེ་རྒན་གྱི་མིང་། འབྲེལ་གཏུག་ཁ་པར་བཅས་རྒྱ་བོད་ཡིག་རིགས་ཟུང་གིས་གསལ་བོར་འབྲི་དགོས།
ཞེསགངས་རྒྱན་ན་ཆུང་ཚགས་པརརྩོམ་སྒྲིག་ཁང་ནས།

图片

编辑:仁青才让
评论区
完玛三知(2021/4/14 10:50:32)

1376

回复 支持[0] 反对[0]
索南才让(2021/4/15 8:17:46)

རང་གི་སྐད་དང་ཡི་གེ

回复 支持[0] 反对[0]
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
法宣在线 青海干部网络 综评教师端 综评学生端 青海基础教育资源 全国教师信息管理系统
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县民族中学 特此声明。