当前位置: 首页 > 教育教学 > ཡིག་གཟུགས་སྒྱུ་རྩལ་འཛིན་གྲྭའི་མཐར་ཕྱིན་སློབ་མ་སློབ་མཇུག་སྒྲིལ་བའི་མཛད་སྒོ།

ཡིག་གཟུགས་སྒྱུ་རྩལ་འཛིན་གྲྭའི་མཐར་ཕྱིན་སློབ་མ་སློབ་མཇུག་སྒྲིལ་བའི་མཛད་སྒོ།

2021年05月31日 11:02:06 访问量:194

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་ཡིག་གཟུགས་སྒྱུ་རྩལ་འཛིན་གྲྭའི་མཐར་ཕྱིན་སློབ་མ་སློབ་མཇུག་སྒྲིལ་བའི་མཛད་སྒོ།

ཟླ5བའི་ཚེས28ཉིན། རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོས་ཡིག་གཟུགས་སྒྱུ་རྩལ་འཛིན་གྲྭའི་མཐར་ཕྱིན་སློབ་མ་སློབ་མཇུག་སྒྲིལ་བའི་མཛད་སྒོ་སྤེལ།

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་ཡིག་གཟུགས་སྒྱུ་རྩལ་འཛིན་གྲྭ་ནི། རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ལས་བོད་ཀྱི་ཡིག་གཟུགས་བྲིས་རྒྱུན་འཛིན་སྐྱོང་སྤེལ་གསུམ་བྱེད་པར་དམིགས་ནས། 2018ལོའི་ཟླ་གསུམ་པར།  རང་སློབ་གྲྭའི་དབུ་ཁྲིད་དག་གི་ཐུགས་བཀོད་བཞིན་སྒྲུབ་པ་ཞིག་ཡིན་ལ།  སློབ་མའི་ཆུ་ཚད་ལ་གཞིགས་ཏེ་སྡེབ་བྲིས་དབུ་ཅན་དང་། དབུས་བྲིས་ཚུགས་རིང་དང་ཚུགས་ཐུང་། ཚུགས་ཆུང་།  འཁྱུག་མ་ཚུགས། འབྲུ་ཚ་སོགས་ཁྲིད་བཞིན་ཡོད།

ཐེངས་འདིར་བོད་ཀྱི་བྲིས་པ་དང་རི་མོ་བ་གྲགས་ཅན་སྦྲ་ཚང་བསོད་ནམས་རྒྱལ་ནས་བྲིས་ཀྱི་དགེ་མཚན་དང་ལོ་རྒྱུས། བྲིས་རྒྱུན་གྱི་གལ་ཆེན་རང་བཞིན།  བྲིས་ཀྱི་མན་ངག་སོགས་སློབ་མ་རྣམས་ལ་སྙིང་གཏམ་གྱི་ཚུལ་དུ་གསུང་བཤད་གནངས།  

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་སློབ་གཙོ་རིན་ཆེན་ཚེ་རིང་ལགས་ནས་མཐར་ཕྱིན་སློབ་མ་དག་ལ་རྟེན་འབྲེལ་ཞུས་པ་དང་ཆབས་ཅིག  ཁྱེད་ཅག་གིས་བོད་ཀྱི་བྲིས་གཟུགས་ཡག་པོར་སྦྱངས་ནས་རང་ཉིད་ཀྱི་ནུས་པ་སྐྱེད་སྲིང་བྱས་ཏེ་མི་རིགས་རིག་གནས་རྒྱུད་འཛིན་ལེགས་པོར་བྱ་དགོས་ཤིང་། ང་ཚོ་རང་གིས་རང་མི་རིགས་ཀྱི་ཕུལ་བྱུང་རིག་གནས་ལ་མཐོང་ཆེན་བྱ་དགོས་པ་དང་། ད་དུང་གཞན་གྱི་ཤེས་བྱ་ལེགས་པར་སྦྱངས་ནས་ཀུན་སྤྱོད་ཇེ་ལེགས་དང་ཡོན་ཏན་ཇེ་འཛོམས་སུ་གཏང་དགོས།  མདོར་ན་ཁྱེད་ཅག་གིས་མི་རིགས་རིག་གནས་དར་སྤེལ་བཏང་ནས་གསར་གཏོད་ཀྱི་སྤོབས་པ་དང་ལྡན་པ་ཞིག་བྱ་དགོས་ཞེས་གསུངས།

 

 

编辑:夏吾东智
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
法宣在线 青海干部网络 综评教师端 综评学生端 青海基础教育资源 全国教师信息管理系统
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县民族中学 特此声明。