༄༅།།སྲིད་སྟོན་ཁང་གི་བསྡུས་འཕྲིན།
政教处简报
第05期
རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་སྲིད་སྟོན་ཁང་གིས་སྤེལ། 2021ལོའི་ཟླ་11ཚེས་11ཉིན།
༅། །རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུའི་
བྱ་འགུལ་སྤེལ།
དང་པོ། བྱ་འགུལ་གྱི་དམིགས་ཡུལ།
འཛིན་བདག་གི་ཆེད་ལས་བྱང་ཚད་དང་དོ་དམ་ཆུ་ཚད་གོང་འཕེལ་བཏང་སྟེ་དུས་རབས་གསར་བའི་འཕེལ་རྒྱས་དང་འཚམས་པ། འཛིན་བདག་གི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་བསྣན་ཏེ་སློབ་གྲྭའི་སློབ་གསོའི་ལས་ཀར་ནུས་པ་གང་ལེགས་འདོན་པ། འཛིན་གྲྭའི་དོ་དམ་གྱི་ཉམས་མྱོང་དུས་ཐོག་སྤྱི་སྡོམ་དང་ཁྱབ་གདལ་བཏང་སྟེ་སློབ་མའི་ལུས་སེམས་བདེ་ཐང་ལ་སྐུལ་འདེད་གཏོང་ཆེད་སློབ་གྲྭའི་སྲིད་སྟོན་ཁང་ནས་དུས་ཡུན་རིང་བོར་འཛིན་བདག་ཕྱག་ལས་གནང་བའི་རང་སློབ་གྲྭའི་དགེ་རྒན་རྒན་པ་རེ་འགའ་གདན་ཞུ་གནང་ནས་ཉམས་མྱོང་རྣམས་གནད་ཁེལ་རང་བཞིན་དང་དངོས་སྤྱོད་རང་བཞིན་ལྡན་པའི་སྒོ་ནས་འཛིན་གྲྭའི་རྒྱུན་སྲོལ་དོ་དམ་བྱ་བའི་སྐོར་ནས་བགྲོ་གླེང་བྱ་འགུལ་སྤེལ།
གཉིས་པ། བྱ་འགུལ་གྱི་དུས་ཚོད། ༢༠༢༡ལོའི་ཟླ༡༡ཚེས༡༡ཉིན་གྱི་ཕྱི་དྲོའི་དུས་ཚོད2:30ནས4:50བར།
གསུམ་པ། བྱ་འགུལ་སྤེལ་ཡུལ། ཐེམ་སྐས་ཚོགས་འདུ་ཁང་།
བཞི་པ། བྱ་འགུལ་ལ་ཞུགས་མཁན། འཛིན་གྲྭ་སོ་སོའི་འཛིན་བདག་དང་མགོ་ཁྲིད་ཚན་ཆུང་།
ལྔ་པ། ཚོགས་འདུའི་གོ་རིམ།
༡ ཚོགས་འདུའི་གཙོ་སྐྱོང་བས་འཛིན་བདག་ཉམས་མྱོང་བརྗེ་རེས་ཀྱི་དགེ་མཚན་གླེང་བ།
༢ སློབ་གཙོ་གཞོན་པ་རྩེ་ཏོག་རྒྱལ་ལགས་ཀྱིས་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་ཚོགས་འདུའི་མགོ་རྩོམ་པའི་མཛད་སྒོར་གླེང་གཞིའི་གཏམ་བཤད་གནང་བ།
༣ དགེ་རྒན་རྣམ་པས་གཏམ་བཤད་གནང་བ།
༤ སློབ་གཙོ་རིན་ཆེན་རིན་ཆེན་ཚེ་རིང་ལགས་ནས་ཐེངས་འདིའི་ཚོགས་འདུར་སྤྱི་སྡོམ་དང་རྗེས་ཕྱོགས་འཕེལ་རྒྱས་བཅས་ཀྱི་ཐད་ལ་རེ་བ་བཏོན།
༥ སློབ་གཙོ་རྣམ་པས་ཐེངས་འདིའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་བགྲོ་གླེང་ཚོགས་འདུའི་སྟེང་གཏམ་བཤད་གནང་པའི་དགེ་རྒན་རྣམས་ལེགས་སྐྱེས་ཕུལ་ནས་བཀའ་དྲིན་ཞུས།
དྲུག་པ། གཏམ་བཤད་ཀྱི་རེ་འདུན་དང་ནང་དོན།
བརྗེ་རེས་ཀྱི་ནང་དོན།
༡ འཛིན་གྲྭའི་རྒྱུན་སྲོལ་དོ་དམ་གྱི་ཉམས་མྱོང་སྟེ། སྐྱོར་དཔོན་འདེམ་སྒུག་དང་གསོ་སྐྱོང་། འཛིན་སྲོལ(班风)དང་འཛིན་གྲྭའི་རིག་གནས་འཛུགས་སྐྲུན་བཅས།
༢ སློབ་མར་ཇི་ལྟར་རང་རྟོགས་ཀྱིས་ལས་བྱ་འབྲི་རུ་འཇུག་རྒྱུ།
༣ སློབ་གསེང་བྱ་འགུལ(课外活动)གྱི་དུས་ཚོད་ཇི་ལྟར་སྙོམས་སྒྲིག་བྱེད་དགོས།
༤ གཉེན་གཅིག་ཁྱིམ་ཚང(单亲家庭)གི་སློབ་མར་ཇི་ལྟར་གཟིགས་སྐྱོང་བྱེད་དགོས།
༥ ཁྱད་ཆོས་ལྡན་པའི་སློབ་མ(特长生)དང་རྗེས་ལུས་སློབ་མ(后进生)གཉིས་ཇི་ལྟར་སྐྱོང་དགོས།
༦ འཛིན་བདག་གིས་བསླབ་བྱ་དགེ་རྒན་ལ་ཇི་ལྟར་རམ་འདེགས་དང་འབྲེལ་ཟམ་འཛུགས་དགོས།
༧ འཛིན་གྲྭའི་འཕྲོད་བསྟེན་དོ་དམ་དང་བསླབ་ཚན་གཞན་དག་གི་སྦྱངས་འབྲས་ཇི་ལྟར་ཡར་རྒྱས་གཏོང་དགོས་པ་བཅས་སོ།
档2印16份