当前位置: 首页 > 教研活动 > རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོས་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ་བ།

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོས་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ་བ།

2021年09月27日 16:58:56 访问量:346

རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོས་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ་བ།

ཁྱོན་ཡོངས་ནས་སློབ་གྲྭའི་སློབ་ཁྲིད་སློབ་གསོའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བ་དང་། སྒོས་སུ་༼བསླབ་བྱ་གསུམ་༽གྱི་བསླབ་འབྲས་ཞན་པའི་དོན་དངོས་ལ་གཞིགས་སྟེ། དགེ་རྒན་རྒན་པའི་སློབ་ཁྲིད་བྱེད་ཐབས་ལ་སློབ་སྦྱོང་དང་། དགེ་རྒན་གཞོན་པའི་སློབ་ཁྲིད་ནུས་པ་མཐོ་འདེགས་དང་། ཙོང་ཁའི་ཡུལ་ནས་ལ་ཕེབས་པའི་སློབ་རོགས་དགེ་རྒན་ལ་བློ་འདྲི་བྱེད་པར་ཟླ9ཚེས་16ནས་ཚེས་25བར་སློབ་རའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་སྤེལ། ཐེངས་འདིའི་བྱ་འགུལ་ཁྲོད་དགེ་རྒན་སོ་དགུ་ཡིས་སློབ་ཁྲིད་གནང་བ་དང་། དགེ་རྒན་བརྒྱ་ཁ་ལྷག་སློབ་ཁྲིད་ཉན་དཔྱད་ལ་ཞུགས།

སློབ་ཁྲིད་ཐོག་དགེ་རྒན་རྣམ་པས་གྲ་སྒྲིག་གྱ་ནོམ་པ་བྱས་ཡོད་པ་དང་། གཙོ་བོར༼སྔུན་སྦྱོང་གཞུག་ཁྲིད། ཐུན་ཐོག་སྦྱོང་སེལ༽གྱི་ཁྲིད་ཐབས་བེད་སྤྱད་དེ་སློབ་མ་ཡོངས་ཀྱི་ཁམས་དང་མོས་པར་བསྟུན་ནས་བློ་སྒོ་འབྱེད་པ། དོན་དངོས་ལ་ཞུགས་པ།  གླེང་མོལ་རྩད་ཞིབ་གྱི་ཐབས་ལམ་ལ་བརྟེན་ནས་སློབ་མའི་ཕྱོགས་ཡོངས་ཀྱི་ནུས་པ་སྔོག་འདོན་བྱེད་པ། སློབ་མ་སློབ་ཁྲིད་ཀྱི་སྲོག་ཤིང་ལ་བཙུགས་ནས་སློབ་ཐུན་གང་བོར་བསམ་གཞིགས་དང་དོགས་སློང་། དབྱེ་ཞིབ་དང་བརྒལ་ལན། རིགས་ལམ་དང་གསར་གཏོད་གྱིས་ཐོག་མཐའ་བར་གསུམ་དུ་དུས་འདའ་བར་བྱེད།

སློབ་ཁྲིད་དཔྱད་འཇོག་གི་རིམ་པར་དགེ་རྒན་རྣམ་པས་རང་དཔེ་གཞན་སྟོན་དང་། སློབ་ཁྲིད་ཀྱི་སྐྱོན་ཡོན་སྦ་གསང་མེད་པར་དཔྱད་བརྗོད་སྤེལ། དཔྱད་བརྗོད་སྤེལ་སྟངས་གཙོ་བོར་གསུམ་གཉིས་གཅིག་གི་རྣམ་པ་སྟེ། སློབ་ཁྲིད་ཀྱི་ཡོན་ཏན་སྣ་གསུམ་བརྗོད་པ། བསམ་ཚུལ་དང་དང་རེ་བ་གཉིས་འདོན་པ།  སྐྱོན་ནམ་མི་འདང་ས་གཅིག་སྟོན་པ་བཅས་ཀྱི་སྒོ་ནས་གང་ལ་གང་འཚམས་དང་དེ་ལ་དེར་མཐུན་གྱི་དཔྱད་བརྗོད་སྤེལ་ཏེ། ཕན་ཚུན་ལ་སློབ་སྦྱོང་དང་། ཕན་ཚུན་ལ་བརྩི་འཇོག མཉམ་གནས་གོང་སྤེལ་གྱི་སློབ་དཔྱོད་ཁ་དབུགས་གསར་བ་སློབ་རའི་སློབ་ཁྲིད་སློབ་གསོ་ཁའ་དབྱིངས་སུ་བསྐྲུན།

编辑:夏吾东智
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
法宣在线 青海干部网络 综评教师端 综评学生端 青海基础教育资源 全国教师信息管理系统
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县民族中学 特此声明。