སྙན་སྒྲོན།
བཀུར་བར་འོས་པའི་དམའ་གཅིག་དམའ་གཉིས་ཀྱི་འཛིན་བདག་ལྷན་རྒྱས།
ཟླ་དྲུག་པའི་ཚེས་བཅུ་བདུན་ནས་བཅོ་བརྒྱད་བར་ཁུལ་རིམ་པའི་སྤུས་ལེགས་སློབ་ཁྲིད་ཉན་དཔྱད་བྱ་འགུལ་རང་སློབ་གྲྭ་ནས་སྤེལ་རྒྱུ་རེད།
ཁུལ་རིམ་པའི་སློབ་ཁྲིད་ཉན་དཔྱད་བྱ་འགུལ་ལ་རྒྱབ་སྐྱོར་གང་ལེགས་བྱ་ཆེད་རྫོང་སློབ་གསོ་ཅུའུ་ཡི་བཀོད་སྒྲིག་ལྟར་དམའ་གཅིག་དམའ་གཉིས་ཀྱི་འཛིན་གྲྭ་དྲུག་ཐེངས་འདིའི་བྱ་འགུལ་ལ་བཀོད་སྒྲིག་བྱས་ཡོད།
འཛིན་བདག་ལྷན་རྒྱས་ནས་འཛིན་གྲྭ་བཀོད་སྒྲིག་རེའུ་མིག་བཞིན་ས་གནས་དང་དུས་ཚོད་མ་འཆུག་མ་ནོར་བར་རང་རང་གི་འཛིན་གྲྭར་བརྡ་ཞིག་སྒྲོན་པར་མཁྱཻན།
ཐེངས་འདིའི་བྱ་འགུལ་གྱིས་རྒྱུན་ལྡན་གྱི་སློབ་ཁྲིད་བྱ་འགུལ་ལ་བར་ཆད་བཟོས་པར་ལྷན་རྒྱས་ནས་དགོངས་འགལ་མེད་པར་ཞུ་ཞུ།
ཞེས་སློབ་སྟོན་ཁང་ནས་།
སྤྱི་ལོ༢༠༢༡ལོའི་ཟླ༦ཚེས༡༦ཉིན་།